• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

སྨན་ཁང་སྤྱིའི་ངོ་སྤྲོད།

ཕྱག་འདེབས་མཁན་ངོ་སྤྲོད།

བློ་གྲོས་ཕུན་ཚོགས་ནི་བོད་སྨན་ཆེད་མཁས་པ། དམངས་ཁྲོད་རིག་གནས་པ། མི་རིགས་ལག་ཤེས་རྒྱུན་འཛིན་པའང་ཡིན། ཁོང་ནི་སྡེ་དགེ་རྫོང་བོད་སྨན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དཀར་མཛེས་ཁུལ་བོད་སྨན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ། སྡེ་དགེ་རྫོང་སར་བློ་གྲོས་བོད་སྨན་ཞིབ་འཇུག་ཁང་གི་དབུ་འཛིན་པ། སྡེ་དགེ་རྫོང་སར་བོད་སྨན་ཁང་གི་དབུ་འཛིན་བཅས་ཡིན། སྡེ་དགེ་རྫོང་སར་དགོན་ཉམས་གསོ་སྐབས་གྱི་འགོ་འཛིན་པ་བྱས་ནས་ལོ་ངོ་སོ་གཉིས་རིང་ལ་གཙོ་བོ་བོད་བརྒྱུད་ནང་བསྟན་ལུང་རྟོགས་ཀྱི་བསྟན་པའི་བརྒྱུད་འཛིན་པ་མི་སྣ་གསོ་སྐྱོངས་ཁོ་ན་བྱས་པས། རིས་སུ་མ་ཆད་པའི་བོད་ཁམས་སྤྱིའི་སངས་རྒྱས་བསྟན་པ་འཛིན་སྐྱོངས་ལ་ནུས་ཤུགས་ཆེན་པོ་ཐེབས་ཡོད།



བློ་གྲོས་ཕུན་ཚོགས་ནི་༡༩༤༧ལོར་སྡེ་དགེ་སྨན་ཤོད་ཅི་ཇོ་གྲོང་ཏུ་བཙས་ཤིང་ཆུང་དུས་ནས་ནང་ཆོས་དང་། བོད་སྨན་རིག་གཞུང་། སྲོལ་རྒྱུན་ལག་ཤེས། སྲོལ་རྒྱུན་སྤྱི་ཚོགས་ཤེས་རིག་བཅས་ལ་སློབ་སྦྱོང་བྱས། ཁོང་གིས་མི་ལོ་བཞི་བཅུ་ལྷག་གི་རིང་ལ་བོད་སྨན་གྱི་ཕྱག་ལས་གནང་ཞིང་རྫོང་སར་བོད་སྨན་ཁང་བཙུགས། ཞིང་འབྲོག་དབུལ་པོའི་ས་ཁུལ་ལ་སྨན་རིན་མ་གནས་ལས་མི་ལེན། ཆེས་དབུལ་པོ་ལ་དགེ་སྨན་སོགས་གཞན་ཕན་ཁོ་ནའི་སྨན་བཅོས་ཀྱི་ཕྱག་ལས་རྒྱུན་སྐྱངས། ཁོང་གིས་ད་དུང་བོད་ཀྱི་གསོ་རིག་དང་། ལོ་རྒྱུས། ནང་ཆོས་སྐོར་སོགས་གསར་རྩོམ་དང་བསྡུ་བསྒྲིག་བཅས་པོ་༣༠ལྷག་ཡོད་ལ། སྐུ་སྒེར་ནས་དཔེ་རྙིང་གློག་ཀླད་དུ་འབྲུ་ལེན་ཞུས་པ་པོད་བརྒྱད་ཅུ་བརྒལ་ཡོད། ཐང་ཁ་དང་བླུགས་བཟོ། ཤིང་བརྐོས། འཇིམ་བཟོ་སོགས་བོད་ཀྱི་དམངས་ཁྲོད་ལག་ཤེས་རིགས་བཅོ་ལྔ་ཙམ་སྨད་ཤོད་ས་ཁུལ་ཏུ་ཟབ་སྦྱོངས་འཛིན་གྲྭ་བཙུགས་ཡོད་ལ་སྨད་ཤོད་ནི་བོད་ཀྱི་ལག་ཤེས་ཀྱི་ཕ་ཁྱིམ་ལྟ་བུའི་སྙན་པའི་གྲགས་པས་ཁྱབ།




བློ་གྲོས་ཕུན་ཚོགས་ཀྱིས་མཛད་རྗེས་ལ་ཤེས་ལྡན་མི་སྣ་དང་ས་གནས་ཡུལ་མི་རྣམས་ཀྱི་བསྟོད་བསྔགས་མང་དུ་ཐོབ་པ་མ་ཟད། སྲིད་གཞུང་གིས་རྒྱལ་ ཁབ་འཕྲོད་བསྟེན་ལས་ཁུང་སོགས་ནས་རྒྱལ་ཡོངས་ཕུལ་བྱུང་གྲོང་གསེབ་སྨན་པ་དང་། རང་ཁུལ་ནས་འཕྲོད་བསྟེན་ཕྱག་ལས་སྔོན་ཐོན་པ་སོགས་ཀྱི་གཟེངས་བསྟོད་བྱ་དགའ་ཐེངས་མང་ཐོབ་ཤིང་། དཀར་མཛེས་ཉིན་རེའི་ཚགས་པར་དང་དམངས་ཁྲོ་དུས་དེབ་སོགས་ཀྱིས་བཅར་འདྲི་བྱེད་མྱོང་། ད་ལྟ་བློ་གྲོས་ཕུན་ཚོགས་ཁོང་ལོ་ན་མཐོ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབས་དང་བོད་སྨན་སློབ་ཁྲིད། ཆོས་གཞུང་དཔེ་བསྒྲིགས་སོགས་ཀྱི་ཕྱག་ལས་རྒྱུན་ནམ་ཡང་ལྷོད་ཀྱི་མེད།




བོད་སྨན་སྤྱིའི་ལོ་རྒྱུས་།

བོད་སྨན་བརྒྱུད་པའི་ཁུངས།