• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

ཐོན་ལས་ལྟེ་གནས།



བོད་སྨན་ལ་དེང་རབས་ཚན་རྩལ་གྱི་རྨང་གཞི་དང་གསར་གཏོད་ཀྱི་ནུས་པ་ཞན་པས་བོད་སྨན་ཐོན་ལས་ཅན་ཏུ་འགྱུར་བར་དཀའ་ངལ་མང་པོར་འཕྲད་འདུག དཔེར་ན། མཐོ་སྒོང་སྨན་རྩྭ་རིགས་ཉུང་རུ་འགྲོ་བཞིན་ཡོད་པ། བོད་སྨན་ཤེས་རིག་ཀྱི་བདག་དབང་གི་འདུ་ཤེས་ཞན་པ། ཚད་ལྡན་གྱི་ཚད་གཞི་གཅིག་གྱུར་མེད་པ་སོགས་ཀྱི་གནད་དོན་ཡོད་ལ། དེ་སྐབས་དུག་མེད་ཀྱི་ཟས་རིགས་དགོས་འཁོ་ཆེ་རུ་འགྲོ་བ། ལུས་ཁམས་བདེ་ཐང་གི་འདུ་ཤེས་སྔར་ལས་ཆེ་བས། དེ་བས་ན་བོད་ལུགས་གསོ་རིགས་གཞུང་ལུགས་ལ་དེང་རབས་གི་ཚན་རྩལ་དང་འབྲེལ་ནས། ཁྲོམ་རྭའི་དགོས་འཁོ་དང་བསྟུན་ནས་ལས་གཞི་གདིང་རྒྱུ་གལ་ཆེའོ།



སྡེ་དགེ་རྫོང་སར་བོད་སྨན་ཐོན་ལས་ཅན་གྱི་ལས་གཞི་ནི། སྡེ་དགེ་རྫོང་སར་བློ་གྲོས་བོད་སྨན་ཞིབ་འཇུག་ཁང་གིས་སྨད་ཤོད་ས་ཆ་ལ་ལས་གཞི་ལག་ལྟར་བྱེད། སི་ཁྲོན་ཞིང་ཆེན་སྨན་སྤུས་ཚད་དོ་དམ་མཐུན་ཚོགས་བློ་འདྲི་ཡུལ་དང་འཆར་འགོད་ཀྱི་དབུ་ཁྲིད་ལ་བརྟེན་ནས། བོད་སྨན་ཞིབ་འཇུག་གཙོ་བོའི་རྟེན་གཞི་ལ་ཡན་ལག་གི་ཁེ་ལས་སྡེ་ཚན་དུ་མས་རྒྱན་པའི་བོད་སྨན་ཆེད་ལས་ལྟེ་གནས་ཞིག་ཡིན།  དེ་ནི་རྫོང་སར་བོད་སྨན་ཁང་།(GMP)བོད་སྨན་བཟོ་གྲྭ  ཧྲོབ་སྨན་བཟོ་གྲྭ འཚོ་བཅུད་ཟས་མཆོག་ཐོན་རྫས་བཟོ་གྲྭ བཟའ་ཆའི་བཟོ་གྲྭ སྨན་རྩྭ་འདེབས་འཛུགས་ལྟེ་གནས། བོད་སྨན་ཟབ་སྦྱོང་སློབ་གྲྭ་སོགས་ཡོད། ལས་གཞིའི་ས་ཁྱོན་ལ་མུའུ༥༥་དང་ཁང་པའི་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༨༠༠༠ཡོད། དེའི་དགོས་འཁོ་འཕྲུལ་ཆས་དང་རྟག་དཔྱད་འཕྲུལ་ཆས། མཁའ་དབུགས་གཙང་བཟོ་འཕྲུལ་ཆས།  ཚོད་ལྟ་ཁང་། བཤམས་སྟོན་ཁང་། ཟབ་སྦྱོང་སློབ་གྲྭ་སློབ་མའི་སྡོད་ཤག་ནད་པ་འདུག་ས་སོགས་རིམ་བཞིན་རྨང་གཞིའི་འཛུགས་སྐྲུན་བྱེད་རྒྱུ་ཡིན།



གཤམ་ནི་ཟུར་ལུགས་བོད་སྨན་དར་སྤེལ་གླིང་གི་འབྲེལ་བའི་རི་མོ་རེད།





བོད་སྨན་ཚད་ལྡན་བཟོ་གྲྭ་དང་སྔར་ཡོད་རྫོང་སར་བོད་སྨན་ཁང་གཉིས་ཀྱིས་མཉམ་དུ་གསར་གཏོད་དང་ཐོན་སྐྱེད། ལས་སྣོན། ཚོང་གཉེར། ཟབ་སྦྱོང་། ཤེས་རིག་ལག་རྩལ། དགེ་རྩའི་བྱ་བཞག འདྲི་ལེན་སོགས་ཕུན་སུམ་ཚོགས་པའི་ཐོན་ལས་ལྟེ་གནས་ཤིག་འཛུགས་རྒྱུ་དང་། ཕྱོགས་གཅིག་ནས་རྫོང་སར་བོད་སྨན་ཁང་གི་སྨན་བཅོས་དང་ཟབ་སྦྱོངས། སྤྱི་ཚོགས་དགེ་རྩ་བསྒྲུབ་པའི་སྲོལ་རྒྱུན་བཟང་པོ་རྒྱུན་སྐྱོངས་རྒྱུ་དང་། ཕྱོགས་གཞན་ནས་བོད་སྨན་ཞིབ་འཇུག་ཁང་གི་ཞིབ་འཇུག་ནུས་པ་འབུར་དུ་བཏོན་ནས་སྨན་སྣ་ནུས་ཅན་དང་ཟས་རིགས། འཚོ་བཅུད་ཟས་མཆོག་ཐོན་རྫས། སྨན་རྩྭ་དཀོན་པོའི་འདེབས་འཛུགས་ཀྱི་ལག་རྩལ་སོགས་གསར་གཏོད་བྱེད་ནས་བོད་ཁུལ་དང་རྒྱལ་ཁབ། ཐ་ན་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་ལ་བྱ་བཞག་ཕུལ་བ་འདིས་ཀུན་ལ་ཕན་བདེའི་རྒྱུ་རུ་འགྱུར་བ་སྨོན། །