• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

རྫོང་སར་དགེ་རྩ།

རྫོང་སར་བོད་སྨན་ཁང་བཙུགས་པ་ནས་ད་བར་དུ་དཀའ་ངལ་ཡོད་མཁན་གྱི་གྲོང་གསེབ་ནད་པ་དག་ལ་སྨན་གྱི་མ་རྩའི་རིན་པ་ལས་མི་ལེན། ཆེས་དབུལ་པོ་དང་རྫོང་སར་དགོན་པའི་མངའ་ཁུངས་གཏོགས་ཀྱི་གྲྭ་བཙུན་སྟོང་ལྷག་ལ་དགེ་སྨན་བྱེད། ས་གནས་ཡུལ་མི་རྣམས་ཀྱི་འཕྲོད་སྟེན་གྱི་རྟེན་ས་གཙོའང་ཡིན།





རྫོང་སར་བོད་སྨན་ཁང་གི་མངའ་ཁང་གཡུ་ཐོག་ཡོན་ཏན་མགོན་པོ་སྨན་བཅོས་ལྟེ་གནས་ནི་༢༠༠༡ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དམངས་སྲིད་ཅུས་ལ་ཐོ་འགོད། དེ་ནི་སྡེ་དགེ་རྫོང་གི་ཐེངས་དང་པོའི་སྤྱི་ཚོགས་དགེ་རྩ་ཚོགས་པ་ཡིན། དགེ་རྩའི་བྱ་བ་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་། སློབ་གསོ་དང་རིག་གནས། དཔལ་འབྱོར། སྨན་བཅོས་སོགས་འཕེལ་རྒྱས་གཏོང་རྒྱུ་དམིགས་སུ་བཟུང་ཡོད། དུས་རབས་ཉི་ཤུ་ཡི་ལོ་རབས་བརྒྱད་བཅུ་སྐབས་ནས་ད་བར་མི་རིགས་ས་ཁུལ་དུ་བོད་སྨན་ཟབ་སྦྱོང་དང་བོད་ཀྱི་རིག་གནས་སྲུང་སྐྱོབ། སྐྱེ་ཁམས་ཡུལ་སྐོར་སྒོ་འབྱེད། གྲོང་གསེབ་འཛུགས་སྐྲུན། ས་གནས་གཞི་རྩའི་ཚོགས་པ་ནུས་པ་མཐོར་འདེགས། ཁོར་ཡུག་སྲུང་སྐྱོབ། དབུལ་སྐྱོབས། སློབ་གསོ་སོགས་ཀྱི་ལས་གཞི་བསྒྲུབས་དང་བསྒྲུབ་བཞིན་ཡོད་དོ། །







གྲོང་གསེབ་སྨན་ཁང་།

རྫོང་སར་ལག་ཤེས་ལྟེ་གནས།

མ་བུ་བདེ་སྲུང་གི་སྨན་པ་ཟབ་སྦྱོང་།

རི་སྐྱེས་སྨན་རྩྭ་སྲུང་སྐྱོབ་དང་འདེབས་འཛུགས།