• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

སྨན་ཁང་སྤྱིའི་ངོ་སྤྲོད།


སྡེ་དགེ་རྫོང་སར་བོད་སྨན་ཁང་གི་གནས་ཚུལ་ནི། གནས་ཡུལ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་སར་ལ་ཡིན།  དེ་ནི་སྤྱི་ལོ་༡༩༧༥ལོར་སྨན་ཤོད་ཕུ་མ་ཤང་མཉམ་འབྲེལ་སྨན་ཁང་ཞེས་སྨན་བཅོས་ས་ཚིགས་ཆུང་ངུ་ཞིག་འཛུག་པའི་རྨང་གཞི་ལས་བྱུང་བ་ཡིན།  ད་ལྟའི་སྨན་ཁང་གི་རྒྱ་ཁྱོན་ཡོངས་ལ་མུའུ་༧ཙམ་ཡོད། ཁང་པའི་འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་༡༨༧༢ཡོད། བོད་ཀྱི་སྲོལ་རྒྱུན་སྨན་ཁང་གི་བཀོད་པ་ལྟར་སྨན་བཅོས་ཁང་དང་སྨན་བཟོ་ཁང་། མཛོད་ཁང་བཅས་ཆ་ཚང་བ་ཡོད། ད་ལྟ་སྨན་ཁང་ལ་སྨན་པ་ལྔ་དང་ལས་བཟོ་བ་ཉི་ཤུ། དུས་ཐུང་ལས་ཞུགས་པ་དང་དོང་ལེན་པ་བཅས་མི་སྣ་གཞན་ཡང་ཡོད།




རྫོང་སར་བོད་སྨན་ཁང་ནི་ནད་རིགས་སྣ་མང་བལྟ་སའི་སྨན་ཁང་ཡིན། དེའི་ཉེ་འཁོར་གྲོང་བརྡལ་ལམ་ཤང་དགུ་དང་ཕལ་ཆེར་གྲོང་ཚོ་༡༠༠ལ་ཉེ་བ་ཙམ་གྱི་བདེ་ཐང་དང་འཕྲོད་རྟེན་གྱི་རྟེན་གཞིར་གྱུར་ཡོད། སྨན་ཁང་གིས་ད་དུང་བོད་ལྗོངས་ཆབ་མདོ་དང་། མཚོ་སྔོན་ཡུལ་ཤུལ་ཀན་སུའུ་གཙོད། ཡུན་ནན་བདེ་ཆེན་སོགས་ས་ཁུལ་གྲོང་གསེབ་འགའ་ལའང་བོད་སྨན་མཁོ་འདོན་དང་སྨན་པ་ཟབ་སྤྱོངས་བྱེད་བཞིན་ཡོད་།



སྤྱི་ལོ་༡༩༨༩ལོ་ནས་ད་བར། བོད་ལུགས་སྨན་སྦྱོར་གྲགས་ཅན་དངུལ་ཆུ་བཙོ་ཐལ། རིན་ཆེན་གྲང་སྦྱོར་དང་། རཏྣ་བསམ་འཕེལ། རིན་ཆེན་མང་སྦྱོར་སོགས་བོད་ལུགས་སྨན་སྦྱོར་རིན་ཆེན་རིགས་བསྡུ་སྦྱོར་དཀའ་བའི་གྲས་དང་། དེ་མིན་བོད་སྨན་རྒྱུན་སྤྱོད་བཅས་ལོ་བསྟར་སྨན་སྣ་གཉིས་བརྒྱ་ལྷག་བསྡུ་སྦྱོར་དང་། བོད་ལུགས་ཀྱི་སྲོལ་རྒྱུན་ལྟར་སྨན་རྣམས་སྨན་སྒྲུབ་ཀྱང་བྱེད། ༢༠༡༠ལོར་རྫོང་སར་སྨན་ཁང་གིས《རྒྱུན་སྤྱོད་སྨན་སྦྱོར་ཉིས་བརྒྱ་པའི་ཕན་ནུས་དང་ཐུན་ཚད་གསལ་བཤད》ཞེས་པ་སྐད་གཉིས་ཤན་སྦྱོར་མ་ལེགས་བསྒྲིགས་བྱུང་བ་དང་ཆབ་གཅིག་བོད་ལུགས་གསོ་རིག་གཞུང་ལུགས་བསྡུ་སྒྲིག་དང་མཆད་ཉན། སྨན་སྦྱོར་གྱི་ཚད་གཞི་གསར་བཟོ་བྱེད་པ་ལ་རྨངས་གཞིའི་ས་བོན་དུ་བསྐྲུན།



ཕྱག་འདེབས་མཁན་ངོ་སྤྲོད།

བོད་སྨན་སྤྱིའི་ལོ་རྒྱུས་།

བོད་སྨན་བརྒྱུད་པའི་ཁུངས།