• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

སྦྱོང་གྲྭའི་ངོ་སྤྲོད།

གྲོང་གསེབ་སྨན་པ་གསོ་སྐྱོང་གནང་བ།

བོད་སྨན་གྱི་ལུང་རྒྱུན་ཉམས་གསོ།

མ་བུ་བདེ་སྲུང་གི་སྨན་པ་ཟབ་སྦྱོང་།

བོད་སྨན་ཁང་གིས་༢༠༠༣ལོ་ནས་འགོ་བཙུགས་སྟེ་རྫོང་འཕྲོད་རྟེན་ཅུས་དང་སྤྱི་ཚོགས་ཚོགས་པ་འགའ་དང་མཉམ་ལས་ཀྱིས་གྲོང་གསེབ་མ་བུ་བདེ་སྲུང་ལ་ཁ་གཏད་ནས་ཟབ་སྦྱོངས་བྱས་པ་ཡིན། ཁྲིད་ཚན་གཙོ་བོར་མངལ་ཆགས། སྦྲུམ་པའི་སྐབས་ཀྱི་ཟས་སྤྱོད་སོགས་མ་བུའི་བདེ་ཐང་། མངལ་ནད་སྔོན་འགོག་བྱིས་པ་བསྐྱེད་བསྲིང་དང་འགོས་ནད་འགོག་ཐབས་སོགས་ཡོད།



རྫོང་སར་སྨན་ཁང་གི་མ་བུ་བདེ་སྲུང་གི་ཟབ་སྦྱོང་ལས་གཞི་ལ་སྡེ་དགེ་རྫོང་འཕྲོད་སྟེན་ལས་ཁུངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་ཤིང་སྡེ་དགེ་རྫོང་གི་བོད་སྨན་ཟབ་སྦྱོང་ལྟེ་གནས་ཤིག་ཏུ་ཡོང་སྨོན་ཡོད་ལ། བོད་སྨན་ཁང་གིས་ཀྱང་མུ་མཐུན་དུ་ཟབ་སྦྱོང་ལས་གཞི་རྒྱ་ཆེ་རུ་གཏོང་ནས་མ་འོངས་པར་བོད་སྨན་ཆེད་ལས་སློབ་གྲྭ་ཞིག་འཛུགས་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད།