• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

སྨན་ཁང་སྤྱིའི་ངོ་སྤྲོད།

ཕྱག་འདེབས་མཁན་ངོ་སྤྲོད།

བོད་སྨན་སྤྱིའི་ལོ་རྒྱུས་།



སྤྱིར་བོད་ཀྱི་མི་རིགས་འདི་འཛམ་གླིང་དུ་མིའི་རིགས་ཐོག་མར་ཆགས་པ་ནས་ཡོད་པར་མཁས་དབང་ཚོས་ཚོད་དཔག་བྱེད།  དེང་སྐབས་མི་ལོ་ཁྲི་ཕྲག་སྔོན་གྱི་གནའ་ཤུལ་རྡོ་ཆས་སོགས་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་ཐོན་བཞིན་པར་དཔྱད་ན་བོད་འདི་ཆགས་ནས་ཡུན་རིང་ཞིང་མི་རིགས་གཞན་ལས་ཤེས་རིག་མི་དམན་པ་ར་འཕྲོད་བྱུང་ཡོད།  དེའི་ཕྱིར་བོད་ཀྱི་གསོ་རིག་འདི་ཐོག་མར་བྱུང་ནས་དུས་ཅི་ཙམ་ཞིག་ཡིན་པ་ཁ་ཚོན་གཅོད་མི་ཐུབ་ནའང་།  ད་ལྟ་མིག་ལམ་དུ་དངོས་སུ་མཐོང་རྒྱུ་ཡོད་པའི་བོད་ཀྱི་གསོ་རིག་གི་གཞུང་སྔ་ཤོས་ནི་བོད་རང་ནས་དར་བའི་ཆོས་ལུགས་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པའི་འབུམ་བཞི་རུ་གྲགས་པ་སོགས་གསོ་རིག་སྐོར་ད་ལྟ་བོན་གྱི་བཀའ་འགྱུར་པོད་དོན་གཅིག་པ།  དོན་གཉིས་པ།  དོན་གསུམ་པ་སྟེ་པོད་གསུམ་སྨན་གྱི་རིག་གཞུང་ཁ་ཚང་ལ་ཚན་རིག་གི་རང་བཞིན་ལྡན་པ་དངོས་སུ་མཇལ་རྒྱུ་ཡོད།།  དེ་ཡང་གཤེན་རབ་མི་བོ་ཆེ་སྤྱི་ལོའི་སྔོན་གྱི་༡༩༡༧ལོར་སྐུ་བལྟམས་པ་ནས་ད་ལྟའི་བར་མི་ལོ་སུམ་སྟོང་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད།  ད་ལྟ་དཔེ་རྒྱུན་འདི་ཙམ་ལས་མེད་ཀྱང་སྐབས་དེར་སྟོན་པ་འདི་ཁོ་ནས་གསོ་རིག་སྐོར་བཤད་པ་རྒྱ་ཆེར་ཡོད་པ་ལོ་རྒྱུས་སུ་གསལ་བས་མཚོན།  དེ་དག་གི་རྨང་གཞིའི་ཐོག་བོན་བསྟན་གྱི་སྐབས་གསོ་རིག་ཡར་རྒྱས་བཏང་ཡོད་པ་སྨོས་མ་དགོས།  དེ་ནས་བོད་མེ་གླང་སྤྱི་ལོ་༦༡༧ལོར་འཁྲུངས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དམ་པའི་ཆོས་དར་བ་ནས་བོད་རང་གི་གསོ་རིག་ལ་རྒྱ་གར་ནག་སོགས་ཡུལ་གཞན་གྱི་ལེགས་བཤད་བསྡུས་ཏེ་ཡར་རྒྱས་བཏང་།  




ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཕྱོགས་ཀྱི་སྨན་པ་མི་དགུ་སོགས་ཡུལ་གཞན་གྱི་མཁས་དབང་མང་པོ་གདན་ཞུས་ཀྱིས་རིག་གཞུང་བགྲོ་གླེང་དང་མི་རིགས་གཞན་གྱི་གསོ་རིག་སློབ་གྲྭ་བཙུགས་པ་སོགས་ཀྱིས་བོད་ལུགས་གསོ་རིགས་ཡར་རྒྱས་བྱུང་བ་དང་།  ཁྱད་པར་རྒྱུད་བཞིའི་འཕྲོ་གཞི་སངས་རྒྱས་ཀྱི་གསུང་ཞིག་བཻ་རོས་བསྒྱུར་བར་བཤད་ཅིང་།  ཆོས་རྒྱལ་ཁྲི་སྲོང་གི་བླ་སྨན་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞེས་བོད་ས་སྤྲེལ་སྟེ་སྤྱི་ལོ་༧༠༨ལོར་འཁྲུངས་པ་དེས་སྔར་གྱི་རིགས་གཞུང་རྣམས་ཀྱི་སྙིང་བཅུད་ཕྱུང་པའི་དཔལ་ལྡན་རྒྱུད་བཞི་བརྩམས་པ་འདི་ནི་དེ་སྔ་བོད་ལུགས་གསོ་རིག་གི་གཞི་འཛིན་ས་ལྟ་བུ་ཡིན།  དེར་དེང་སྐབས་ནུབ་ལུགས་གསོ་རིག་པ་རྣམས་ཀྱིས་ཤེས་རྟོགས་བྱུང་བའི་ནད་རྡུལ་ཕྲ་མོ་དང་ཕྲུ་གུ་མངལ་དུ་སྦྲུམ་པར་ཞག་བདུན་ཕྲག་སོ་བརྒྱད་ལ་བདུན་ཕྲག་རེ་རེ་བཞིན་ཇི་ལྟར་འཕེལ་ཚུལ་སོགས་གསལ་པོར་བསྟན་ཡོད་པས་དུས་དེ་ཙམ་ནས་བོད་ཀྱི་གསོ་རིག་འདི་འཛམ་གླིང་ཐོག་ཚན་རིག་གི་རང་བཞིན་ལྡན་པའི་ཆེས་སྔོན་ཐོན་གྱི་གྲས་ཡིན་པ་སྨོས་མ་དགོས།  དེ་ནས་གཡུ་ཐོག་གསར་མ་བས་ཀྱང་རྒྱུད་བཞིར་ཁ་བསྣན་ཅི་རིགས་གནང་བ་དང་།  སློབ་བརྒྱུད་བྱང་ཟུར་སོགས་ཀྱིས་མཚོན་བོད་ཀྱི་གསོ་རིག་འཛིན་པའི་མཁས་དབང་བགྲང་ལས་འདས་པས་ད་ལྟའི་བར་བསྟན་བཅོས་མཛད་པ་ཁོ་ནའང་དཔེ་མཛོད་ཆེན་པོར་གྱུར་ཡོད་ལ།  ལག་ལེན་དངོས་ཀྱི་ཐོག་ཐུན་མིན་ཁྱད་ཆོས་མང་ཞིང་དྲེག་གྲུམ་རྩ་དཀར་གྲིབ་སྐྱོན་ཕོ་མཆིན་གཅིན་སྙི་སོགས་བཅོས་དཀའ་བའི་ནད་རིགས་འགའ་ལ་ཐུན་མིན་ཕན་སྐྱེད་ཡོད་པ་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་ངོས་འཛིན་བྱེད་བཞིན་ཡོད།  



དེང་སྐབས་རྒྱལ་སྤྱིའི་ཐོག་གསོ་བ་རིག་པའི་རིག་གཞུང་ཆེ་ཁག་བཅུ་གཉིས་ཀྱི་ཡ་གྱལ་གཅིག་བོད་སྨན་ཡིན་པ་དང་།  མེས་རྒྱལ་ནང་ཁུལ་གྱི་གསོ་རིག་ནོར་བུའི་བང་མཛོད་ནང་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གཉིས་ནི་གནའ་རྒྱུན་གསོ་རིག་ཆེ་ཁག་གཉིས་ཡིན་པས་མི་ཉམས་གོང་འཕེལ་ཡོང་བར་ཕྱི་རབས་པ་རྣམས་ཀྱིས་འབད་བརྩོན་བྱེད་འོས་པ་ཡིས།  

བོད་སྨན་བརྒྱུད་པའི་ཁུངས།